Sunday, July 23, 2017

སོམ་ཉིའི་ཀློང་གི་ལྟད་མོ།

བདེན་རྫུན་གཉིས་ཀས་དབང་སྒྱུར་བྱས་པའི།།
ངོ་དེབ་ཅེས་པའི་འཇིག་རྟེན་འདི་ན།།
ཕ་སྐད་གཙང་མའི་གླེང་ཕྱོགས་ཤིག་ནས།།
ངོ་སོ་མཐོ་བའི་གོ་ས་བཟུང་སྟེ།།

སུ་དང་གང་ལའང་སོམ་ཉིའི་རྒྱ་རུ།།
ཡང་ཡང་འཛུད་པའི་འཁྲུལ་སྣང་བཀོད་པ།།
རྫོགས་མེད་འགོད་པའི་སྒྱུ་འཕྲུལ་བདག་མོར།།
སྲིང་མོ་ཞིག་གི་གོ་གནས་ཕུལ་ཡོད།།

རྒྱུ་མཚན་འགའ་ཡིས་བདག་གི་བློ་ངོར།།
ཁྱེད་རང་འདི་ཞེས་ངོས་འཛིན་རན་དུས།།
ཁྱེད་ཀྱིས་བཀོད་པའི་འཁྲུལ་སྣང་ཀློང་དུ།།
ཉེ་འཁོར་གྲོགས་ཀྱིས་བདག་ལ་དོགས་ནས།།
ཁྱེད་དང་ང་གཉིས་གཅིག་ཏུ་སྒྲུབ་པའི།།
གཏན་ཚིགས་ཕུང་པོ་མདུན་ལ་སྤུངས་ཤིང་།།
ཧབ་ཆ་དིར་རེ་བདག་ལ་དགོད་དུས།།
ཆོ་འཕྲུལ་བདག་མོའི་གོ་གནས་ཕུལ་ཡོད།།

ཁྱེད་ཀྱིས་ངོམ་པའི་སྨྱུག་རྩལ་རེ་རེར།།
ཞིབ་འདང་བརྒྱབས་པའི་མཇུག་སྡོམ་བར་ནས།།
ང་དང་ཁྱེད་གཉིས་གཅིག་ཏུ་འཁྲུལ་པའི།།
གྲོགས་པོ་ཁོང་ལ་ཁག་ཅིག་མེད་པས།།
ཟུར་དང་ཟུར་ནས་བདག་ལ་དོགས་ཀྱིན།།
བདག་གི་གདོང་ལ་ཁྱེད་རང་མངོན་དུས།།
ཁྱེད་ལ་འཕང་རྒྱུའི་ཟུར་མིག་དེ་ཡང་།།
དེ་རིང་ཁ་སང་བདག་ལ་ཕྱོགས་ཡོད།།
ཧ་ཧ་ཧ་ 

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་བ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅།   །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌།   །རྟག་ཏ...